# བརྒྱུད་པ་ཡིད་བཞིན་ནོར་བུའི་རྣམ་པར་ཐར་པ།

© 2026 Konchok Gyurme Tenzin. Licensed [CC BY-NC-SA 4.0](https://creativecommons.org/licenses/by-nc-sa/4.0/): share and adapt it with credit, never for sale.

*The Tibetan of [The Life of Tilopa](marpas-life-of-tilopa.md), as the manuscript gives it: its folio and line in brackets, its spellings kept. Each folio and line number opens [the scan of its leaf](scans.md), and each folio number in the English opens its place here. Where the scribe's spelling slips, the English follows the word meant.*

## 0

[\[1b.1\]](scans.md#page-1b) ༎ ན་མོ་གུ་རུ་དེ་བ་ཌཱ་ཀི་ནི། ས་མ་ཡཱ་མ་ནུ་སྨ་ར། སི་དྷྱཾ་ཏུ་ཡེ།

སྤྲོས་བྲལ་མཁའ་ཁྱབ་གར་དགུའི་ཉམས་ཀྱི་གདུལ་བྱ་སྨིན་བྱེད [\[1b.2\]](scans.md#page-1b) སྐུ་གསུམ་ལས། མཚོ་ཆེན་མི་གཡམ་ཅུང་ཟད་དངས་པའི་སྐུ་གསུམ་མཁའ་འགྲོའི་རྦ་རླབས་ཅན༎ ཆུ་སྐྱེས་བདེ་ཆེན་འབྲས་བུ་དངོས་སྤྲུལ་འགྲོ་མགོན་ཤེས་རབ་བཟང་པོ [\[1b.3\]](scans.md#page-1b) དང་། བཅུ་གཉིས་བར་དུ་དཀའ་བ་རབ་སྤྱད་ནཱ་རོའི་པཎ་ཆེན་དེ་ལ་འདུད།

> གང་ཞིག་སྐུ་གསུམ་ནོར་བུ་ལ\
> གང་གིས་མི་ཤེས་རྒྱས་གདབ་པ\
> མཁའ་འགྲོའི་གསང་ཚིག [\[2a.1\]](scans.md#page-2a) ལྡེ་མིག་གི\
> རྣམ་གསུམ་ནོར་བུ་རབ་ཏུ་སྟན་བྱའོ\
> ངོ་སྤྲོད་ཡིད་བཞིན་ནོར་བུ་ཡིས\
> ཆོས་ཀྱི་སྐུ་ལ་ང་སྤྲོད་བྱ\
> རྨི་ལམ་ཡིད་བཞིན་ནོར [\[2a.2\]](scans.md#page-2a) བུ་ཡིས\
> ལོངས་སྐུ་ལུས་ལ་བཞུག་པར་བྱ\
> བརྒྱུད་པ་ཡིད་བཞིན་ནོར་བུ་ཡིས\
> ཆོས་སྐུ་དངོས་སུ་སྟན་པར་བྱའོ\
> མཁའ་འགྲོའི་སྙན་བརྒྱུད་ཉི་མའི་འོད་གསལ་ལ\
> ལྷ་མིན་སྒྲ་ཁཅན [\[2a.3\]](scans.md#page-2a) བརྗོད་པས་རབ་འཇིགས་ནས\
> མདོ་སྡེའི་དོན་ཕྱིར་ཡི་གེར་བཀོད་པ་ལ\
> མཁའ་འགྲོས་བཟོད་གསོལ་བྱིན་གྱིས་རློབས\
> སྙན་བརྒྱུད་གདམ་པ་ཀུན་ལ་སྟན་པ་མིན\
> [\[2a.4\]](scans.md#page-2a) ལྟོགས་ཀྱང་ཕ་མའི་ཤ་ལ་བཟའ་བ་མིན\
> ཁྱེ་འང་ཙན་དུག་སྦྱར་བ་འཚོང་པ་མིན\
> གཏད་མོ་ཆེའང་རང་གི་སྙིང་སྤྲུལ་སྟོན་པ་མིན

དེ་ལ་མཁའ་འགྲོ་མའི་སྙན་བརྒྱུད [\[2b.1\]](scans.md#page-2b) ངོ་མཚར་ཅན་ལ་གསུམ་ཏེ། སྟོན་བྱེད་སློབ་དཔོན་གྱི་མཚན་ཉིད་དང་། སྟན་པ་སློབ་མའི་མཚན་ཉིད་དང་། སྟན་བྱ་ཆོས་ཀྱི་གནས་ལུགས་སོ༎ དང་པོ་ནི། ཉམས་རྟོགས་བརྒྱུད་པ་ཐུགས་རྗེ་དང་ལྡན་པ་ལ [\[2b.2\]](scans.md#page-2b) སོགས་པའོ༎ གཉིས་པ་ནི། རང་གི་བརྒྱུད་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་འཚོལ་ནུས་པ་ལ་སོགས་པའོ༎ གསུམ་པ་སྟན་བྱ་ཆོས་ཀྱི་གནས་ལུགས་ལ་གསུམ་ཏེ། ཕྱི་སྒྲོ་འདོགས་སྤྱོད་བྱེད་སྤྲུལ་པ་སྐུའི་གདམ་པ། [\[2b.3\]](scans.md#page-2b) བརྒྱུད་པ་ཡིད་བཞིན་ནོར་བུ་དང་། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམ་པ་སྨིན་ལམ་ཡིད་བཞིན་ནོར་བུ་དང་། གསང་པ་ངོ་སྤྲོད་ཆོས་སྐུའི་གདམ་པ་གྲོལ་ལམ་ཡིད་བཞིན་ནོར་བུའོ༎

དེ་ལས་འདི་སྤྲུལ་པ་སྐུའི [\[2b.4\]](scans.md#page-2b) གདམས་པ་བརྒྱུད་པ་ཡིད་བཞིན་ནོར་བུ་ཡིན་ནོ༎ དེ་ལ་ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མའི་ལོ་རྒྱུས་དང་། སྤྲུལ་སྐུ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་གཉིས་ལས། དང་པོ་ནི། སངས་རྒྱས་ཐམས་ཅད་སྐུ་གསུམ་དུ་བཞུགས་པ་ལྟར་ཡེ་ཤེས་ཀྱི [\[3a.1\]](scans.md#page-3a) མཁའ་འགྲོ་མ་འདིའང་སྐུ་གསུམ་དུ་བཞུགས་ཏེ་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ༎ གཉིས་པ་སྤྲུལ་སྐུ་གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་ལ་ཐོག་མར་ཏེ་ལོའི་རྣམ་ཐར་ལ་བཞི་སྟེ། དང་པོ་མི་རང་རྒྱུད [\[3a.2\]](scans.md#page-3a) པར་གྲགས་པ་དང་། བདེ་མཆོག་གི་སྤྲུལ་པར་གྲགས་པ་དང་། བདེ་མཆོག་དངོས་སུ་གྲགས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་འདུས་པར་གྲགས་པའོ༎

## 1

དེ་ལས་དང་པོ་ཇོ་བོ་ཆེན་པོ་ཏེ་ལོ་པ་འདི་མི་རང་རྒྱུད་པར་བྱས་ན་སྐུ་ཆེ་བའི་ཡོན་ཏན་ལ་བཞི་སྟེ། [\[3a.3\]](scans.md#page-3a) དང་པོ་དྲང་དོན་དུ་མཁའ་འགྲོས་ལུང་བསྟན་ཏེ་བླ་མ་རྩལ་ཏེ་སྒྲུབ་པ་མཛད་པ་དང་། མཁའ་འགྲོ་ཟིལ་གྱིས་མནན་ཏེ་ཆོས་ཞུས་པ་དང་། ངེས་དོན་དུ་མིའི་བླ་མ་མེད་པར་སྟན་པ་དང་། སྤྲུལ་པ་སྣ་ཚོགས་སྟན་པའོ༎

## 1.1

དེ་ལས་དང་པོ [\[3a.4\]](scans.md#page-3a) ཏེ་ལོ་པ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་གྲོང་ཁྱེར་ཛ་ཀོ་ཞེས་བྱ་བ་ན། ཡབ་བྲམ་ཟེ་གསལ་བ། ཡུམ་བྲམ་ཟེ་གསལ་ལྡན་མ། སྲིང་མོ་བྲམ་ཟེ་གསལ་བའི་སྒྲོན་མ་གསུམ་ཡོད་པ་ལས༎ སྲས་མེད་པར་གྱུར་ཏེ་ཕྱི [\[3a.5\]](scans.md#page-3a) ནང་གི་རྟེན་ཐམས་ཅད་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་སྲས་གཅིག་བཙས་པར་གྱུར་ཏེ། དེའི་ཚེ་རྒྱ་གར་ཤར་ཕྱོགས་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱུང་པས་མཚན་གསལ་འོད་དུ་བཏགས། དེ་ནས་བྲམ་ཟེ་མཚན་མཁན་ལ [\[3b.1\]](scans.md#page-3b) བྲིས་པས། དེས་སྨྲས་པ

> འདི་ནི་ལྷ་ཀླུ་གནོད་སྦྱིན་ནམ\
> སངས་རྒྱས་གང་ཡིན་མ་འཚལ་བས\
> སྐྱེས་བུ་མཆོག་འདི་གཅེས་པར་སྐྱོངས

། ཞེས་ཟེར་བ་བཞིན། དེ་གཅེས་པར་སྐྱོང་བའི་དུས་རེ་ཞིག་ན་ཡབ་ཕྱིར་ཐལ [\[3b.2\]](scans.md#page-3b) ནས་ཡུམ་སྲས་གཉིས་ཡོད་པ་དང་། ཧྲིབ་མ་ཧྲིབ་པ་གཅིག་བྱུང་ནས་བལྟས་པས་བུད་མེད་མི་སྡུག་པའི་མཚན་མ་ཅན། ཁ་ཕུས་འདེབས་པ་འཐེང་ཞིང་མཁར་བ་ལ་རྟེན་པ་མང་པོའི་སྣང་པ་བྱུང་ནས། མའི་བསམ་པ [\[3b.3\]](scans.md#page-3b) ལ་འདྲེ་ཡིན་ནམ། བུ་འདི་རང་འཆིའམ་སྙམ་པ་ལས། བུད་མེད་རྣམས་ཀྱིས་སྨྲས་པ

> གཅེས་པར་སྐྱངས་ཀྱང་མི་འཆི་བའི\
> ས་ཕྱོགས་དག་ཀྱང་ཡོད་མ་ཡིན

། ཅེས་ཟེར་རོ༎ མས་འོ་ན་ཐབས་ཅི་བྱས་ན་ཕན་ཅེས [\[3b.4\]](scans.md#page-3b) གྲིས་པས། ཡང་སྨྲས་པ

> བུ་མ་ཧེ་སྐྱོང་ཞིང་ཡི་གེ་བརློབས\
> མཁའ་འགྲོ་མ་ཡི་ལུང་བསྟན་འབྱུང

། གསུང་ནས་གར་སོང་ཆ་མེད་དུ་ཐལ་སྐད༎

དེ་ནས་ཆེར་སྐྱེས་པ་དང་དེ་ལྟར་བྱེད་དུ་བཅུག་པས། [\[3b.5\]](scans.md#page-3b) ཡང་མ་ཧེ་སྐྱོང་པར་སྔར་གྱི་བུད་མེད་དེ་བྱུང་ནས། ཁྱོད་ཀྱི་ཡུལ་དང་ཕ་མ་ལ་སོགས་པ་འདྲིར་བྱུང་པ་ལ་ཁྱེའུ་དེས་སྨྲས་པ།

> ཡུལ་ནི་ཤར་ཕྱོགས་ཛ་ཀོ་ཡིན\
> ཕ་ནི་བྲམ་ཟེ་གསལ་བ་ཡིན\
> མ་ནི་བྲམ་ཟེ་གསལ [\[4a.1\]](scans.md#page-4a) ལྡན་ཡིན\
> སྲིང་མོ་བྲམ་ཟེ་གསལ་སྒྲོན་ཡིན\
> ང་རང་བྲམ་ཟེ་གསལ་འོད་ཡིན\
> ཤིང་འདི་ཤ་བའི་སྡོང་པོ་ཡིན\
> ཡི་གེ་རླབས་ནས་དམ་ཆོས་བྱེད\
> མ་ཧེ་ནོར་ཕྱིར་སྐྱོང་པ་ཡིན

། ཅེས་བྱས་པས། [\[4a.2\]](scans.md#page-4a) བུད་མེད་དེ་རྣམས་ཁྲོས་པའི་ཚུལ་གྱིས་བུ་ཁྱེད་ཀྱིས་མི་ཤེས་པར་འདུག

> ཡུལ་ནི་ནུབ་ཕྱོགས་ཨུ་རྒྱན་ཡིན\
> ཡབ་ནི་བདེ་མཆོག་འཁོར་ལོ་ཡིན\
> ཡུམ་ནི་རྡོ་རྗེ་ཕག་མོ་ཡིན\
> སྲིང་མོ་མཁའ་འགྲོ་བདེ་སྟེར་མ\
> ཁྱོད་རང་པཎ་ཙ་པ་ན་ཡིན\
> [\[4a.3\]](scans.md#page-4a) དུད་འགྲོ་མ་ཧེ་མ་སྐྱོང་པོར\
> བྱང་ཆུབ་ཤིང་གི་ནགས་ཁྲོད་དུ\
> ཉམས་མྱོང་མ་ཧེ་རྒྱུན་དུ་སྐྱོངས

། ཞེས་ཟེར་རོ༎ དེར་ཁྱེའུས་སྨྲས་པ། དེ་ངས་སྐྱོང་མི་ཤེས་བྱས་པས། ས་ལ་བྷེ་ར་ཧའི་དུར་ཁྲོད་དུ་སོང་ཤིག་བླ་མས་སྟོན་པར་འགྱུར་རོ༎ [\[4a.4\]](scans.md#page-4a) ཞེས་ལུང་སྟན་ནོ༎

དེ་ཡང་ལྷོ་ཕྱོགས་ཀྱི་རྒྱུད་ནས་ས་ལ་བྷེ་ཧ་ར་ཞེས་བྱ་བ་དབང་ཕྱུག་ཆེན་པོས་བྱིན་གྱིས་རླབས་པའི་དུར་ཁྲོད་ཡོད་དེ། དེར་ཕྱི་ནང་གི་མཁའ་འགྲོ་མ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ་བྲམ་ཟེའི་ཁྱེའུས་བྱོན་ཏེ། ཙརྱ་བ [\[4a.5\]](scans.md#page-4a) ལ་གདམ་པ་འང་ཞུས།

སློབ་དཔོན་ཆེན་པོ་ལ་ཝ་པས

> གྲོང་ཁྱེར་ཆེན་པོའི་སྲང་མདོ་རུ\
> བཅུ་གཉིས་བར་དུ་གཉིད་ལོག་པས\
> ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ

། ཅེས་པས་འོད་གསལ་ཞུས།

ཀླུ་སྒྲུབ་བཙལ་བས་དུར་ཁྲོད་དེ་ན་བརྟུལ་ཞུགས་སྤྱོད་པའི [\[4a.6\]](scans.md#page-4a) རྣལ་འབྱོར་པ་མ་ཏང་གི་སྤྱིལ་པོ་གཅིག་ན་སྒོམ་གྱིན་འདུག་ཏེ། ཀླུ་སྒྲུབ་དྲི་ཟའི་རྒྱལ་པོ་ལ་ཆོས་བཤོད་དུ་སོང་། སྐྱེས་བུ་ཁྱེད་རྗེས་སུ་འཛིན་པ་ལ་ང་བཏང་པ་ཡིན་གསུང་། དེར་མཎྜལ་ཕུལ་ཏེ་ཞུས་པས། དཔལ་གསང་བ་འདུས་པའི [\[4a.7\]](scans.md#page-4a) དཀྱིལ་འཁོར་དངོས་སུ་སྤྲུལ་ནས་དབང་བསྐུར། བརྒྱུད་བཤད་པས་སེམས་ཀྱི་ངོ་བོ་མཐོང་།

དེར་ལྷ་ཁང་ཅིག་ན་ཞང་པོའི་བརྒྱད་སྟོང་པ་ཅིག་སྒྲོག་སར། བུད་མེད་གཅིག་བྱུང་ནས་འདིའི་དོན་ཤེས་སམ་ཟེར། མ་ཤེས་བྱས་པས་འོ་ན་ངས་བཤད་ཀྱི་ཟེར་ནས [\[4b.1\]](scans.md#page-4b) དེའི་དོན་བཤད། ཧེ་བཛྲ་དང་། འཁོར་ལོ་སྡོམ་པའི་དབང་བསྐུར་དང་རྒྱུད་བཤད། ལུ་ཧི་པའི་དགོངས་པ་འདི་ལྟར་ཡིན་པས་བསྒོམས་ཤིག་ཟེར། བརྒྱ་སྟོང་པ་ཞང་པོས་སྒོམ་དུ་མི་སྟེར་བྱས་པས། བརྒྱ་སྟོང་པ་ཐག་པ་ཆོད་ལ་ལྷ་ཁང་གི་ཁ་ནས་ཆུ་ལ་དོར་ལ། [\[4b.2\]](scans.md#page-4b) སྨྱོ་རྫུ་ཐོབ་ལ་སྒོམས་ཤིག ། ངས་བྱིན་གྱིས་རླབས་ཟེར་ནས་དེ་པས་བརྒྱ་སྟོང་པ་ཅི་ཡང་མི་ཉེས་ཟེར་ནས་དེ་ལྟར་བྱས་པས། བརྒྱ་སྟོང་པ་ཅི་ཡང་མ་ཉེས། སྨྱོ་འདུག་ཟེར་ནས་ལྕགས་བཅུག ། དེ་བདེ་བར་གཤེགས་པའི་ཐུགས་གཉིས་སུ་མེད་པ་ལ་གསལ་བར་སྣང་བའི་ལམ་ཐམས་ཅད་ཀྱི [\[4b.3\]](scans.md#page-4b) སྙིང་པ་རིམ་པ་གཉིས་ལ་གོམ་པར་བྱས་སོ༎

དེ་ནས་ལུང་བསྟན་པ

> ཤར་ཕྱོགས་བྷང་ག་ལའི་བརྒྱུད\
> པཎ་ཚ་པ་ནའི་ཚོང་འདུས་ན\
> སྨད་འཚོང་བྷ་རི་འཁོར་བཅས་ཀྱི\
> དེའི་ཞབས་འབྲེང་བྱས་ན་གསངས\
> སྤྱོད་མཐར་ཐོན་ནས་དངོས་གྲུབ་ཐོབ

[\[4b.4\]](scans.md#page-4b) ཅེས་པ་དང་དེར་ཕྱིན་ནས། མཚན་བཞིན་སྐྱེས་པ་འགུགས་པ་དང་སྐྱེལ་བའི་ལས་བྱས༎ ཉིན་བཞིན་ཏིལ་འབྲུ་བའི་ལས་བྱས་པས་རྒྱ་གར་སྐད་དུ་ཏི་ལོ་པ། བོད་སྐད་དུ། ཏིལ་བསྲུངས་ཞབས་ཞེས་གྲགས་སོ༎

དེ་ནས་དུར་ཁྲོད་ཀེ་རེ་ལི་ཞེས་བྱ་བར [\[4b.5\]](scans.md#page-4b) ཕྱིན་ནས་བྷ་རི་མ་གཉིས་གསང་བ་སྔགས་ཀྱི་སྤྱོད་པས་མཉེས་ཏེ། མཐར་ཕྱིན་པར་མཛད་དོ༎

དེ་ནས་ཡང་ཚོང་འདུས་དེར་ཏིལ་འབྲུ་འཕྲོ་ལ་ཕྱག་རྒྱ་ཆེན་པོ་མཆོག་ལ་ཉེ་བའི་དངོས་གྲུབ་ཐོབ་པར་གྱུར་ཏོ༎

དེར་གྲོང་ཁྱེར་གྱི་མི་རྣམས་མཐོང [\[4b.6\]](scans.md#page-4b) ཚུལ་ཐ་དད་དེ་འགའ་ཞིག་གིས་ནི་མེ་དཔུང་འབར་བར་མཐོང་། འགའ་ཞིག་གིས་རུས་རྒྱན་ལ་མེ་འབར་བར་མཐོང་སྟེ། མི་རྣམས་ཀྱིས་གདམ་པ་ཞུས་པས། ངའི་ཡིད་ལ་སྐྱེས་པའི་གཉུག་མ་དེས་བརྗེས་འཇུག་ཁྱེད་ཀྱི་སྙིང་ལ་ཞུགས་པར་བྱོས [\[4b.7\]](scans.md#page-4b) ཤིག ། ཅེས་བརྗོད་པ་དང་། དེ་མ་ཐག་ཏུ་གྲོལ་བར་གྱུར་ཏོ༎

དེ་ནས་ཡུལ་དེའི་རྒྱལ་པོ་འཁོར་བཅས་གླང་པོ་ཆེ་ལ་ཞོན་ནས་སྙེན་བསྐུར་ལ་ཡོངས་པས། བྲམ་ཟེའི་ཁྱེའུ་དང་། བྷ་རི་མ་གཉིས་ཀྱིས་ཚངས་པའི་སྒྲ་ཆེན་པོས་རྡོ་རྗེའི་མགུར་བཞེས་པ།

> [\[5a.1\]](scans.md#page-5a) གང་ཞིག་སྙིང་པོར་ཞུགས་པ་ཏིལ་གྱི་མར\
> རྨོངས་པས་ཏིལ་ལ་ཡོད་པར་ཤེས་གྱུར་ཀྱང\
> རྟེན་ཅིང་འབྲེལ་འབྱུང་ཡན་ལག་མ་ཤེས་ན\
> ཏིལ་མར་སྙིང་པོ་འབྱུང་པར་མི་ནུས་ལྟར\
> ལྷན་ཅིག་སྐྱེས་པ [\[5a.2\]](scans.md#page-5a) གཉུག་མའི་ཡེ་ཤེས་དེ\
> འགྲོ་བ་ཀུན་གྱི་སྙིང་ལ་ཡོད་གྱུར་ཀྱང\
> བླ་མས་མ་མཚོན་རྟོགས་པར་མི་ནུས་སོ\
> ཏིལ་བརྡུངས་ཕུབ་མ་བསལ་བར་གྱུར་པ་ལས\
> ཏིལ་མར་སྙིང་པོ་བྱུང་པ་དེ་བཞིན་དུ\
> བླ་མ་སྟེན་པས་དེ་བཞིན [\[5a.3\]](scans.md#page-5a) དེ་ཉིད་དོན\
> ཏིལ་མར་བཞིན་དུ་བརྡའ་ཡིས་བསྟན་པར་བྱ\
> ཡུལ་རྣམས་དབྱེར་མེད་ངོ་བོ་ཅིག་ཏུ་འགྱུར\
> ཀྱེ་ཧོ་རིང་འགྲོ་གཏིང་དཔག་དཀའ་བའི་དོན\
> ད་ལྟ་ཉིད་དུ་གསལ་བ་ངོ་མཚར་ཆེ

། ཅེས་གསུངས་པས་དེར་འདུས་པ་ཐམས་ཅད་གྲོལ་བར་གྱུར་ཏེ། [\[5a.4\]](scans.md#page-5a) མགུར་དེའི་དོན་བཀྲོལ་བ། དོན་ལ་མི་འཐུན་པ་ཡང་སྤང་དུ་མེད༎ གཉེན་པོ་ཡེ་ཤེས་སྐྱེད་དུ་མེད༎ ས་ལམ་བསྒྲོད་དུ་མེད༎ འབྲས་བུ་ཐོབ་རྒྱུ་འང་མེད༎ ཀུན་རྫོབ་བརྡའ་ཙམ་དུ་བླ་མས་སྟན་དགོས་སོ༎ ཞེས་པའོ༎ དེར་ཁྱེད་ཀྱི་བླ་མ་སུ་ཡིན་ཞེས [\[5a.5\]](scans.md#page-5a) པས

> ང་ལ་མིའི་བླ་མ་ཡོད\
> ཀླུ་སྒྲུབ་ཙརྱ་ལ་བ་པ\
> སྐལ་བ་བཟང་མོ་བདག་གི་ནི\
> བཀའ་བབས་བཞིའི་བླ་མ་ཡིན

། ཞེས་པས། ཀླུ་སྒྲུབ་ལ་སྒྱུ་ལུས། ཙརྱ་པ་ལ་རྨི་ལམ། ལ་ཝ་པ་ལ་འོད་གསལ། མཁའ་འགྲོ་མ་ལ་གཏུམ་མོ་ཞུས་ཏེ་སྙན [\[5a.6\]](scans.md#page-5a) བརྒྱུད་ཀྱི་ཆུ་བོ་ཆེན་པོ་བཞི་ཞེས་གྲགས་སོ༎

## 1.2

གཉིས་པ་མཁའ་འགྲོ་དབང་དུ་བསྡུས་ནས་ཆོས་ཞུས་པ་ནི༎ ཡང་བུད་མེད་རྣམས་བྱུང་ནས་སྨྲས་པ།

> སྙན་རྒྱུད་ཡི་གེ་མེད་པ་ནི\
> དྲི་མེད་མཁའ་འགྲོ་མ་ལ་ཡོད\
> ཡིད་བཞིན་ནོར་བུ་རྣམ་གསུམ [\[5a.7\]](scans.md#page-5a) ལོང

། ཞེས་གསུངས་པས། ངས་མི་ལོན་བྱས་པས། ཡང་བུད་མེད་རྣམས་འདི་སྐད་དུ

> ཨུ་རྒྱན་གནས་ཀྱི་གྷནདོ་ལིར\
> ལུང་སྟན་དམ་ཚིག་ལྡན་པ་ཡིས\
> སྐལ་བ་ཅན་གྱིས་བླངས་ན་ལོན

། ཅེས་པས། ཇི་ལྟར་བྱས་ན་ལོན་བྱས་པས། [\[5b.1\]](scans.md#page-5b) པས་ཤེལ་གྱི་སྐྲས་པ་དང་། རིན་པོ་ཆེའི་ཟམ་པ་དང་། རྩ་བྱི་ཟུང་རྣམས་ཁྱེར་ལ་ཨུ་རྒྱན་དུ་སོང་ཅེས་ལུང་སྟན་ནོ༎ དེ་རྣམས་ཡབ་ཀྱིས་ཚེགས་མེད་པར་སྙེད་དེ་ཁྱེར་ནས་ཕྱིན་ཏོ༎ དེ་ཡང་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་གྷནདོ་ལའི་གཙུག་ལག་ཁང་ན་ཆོས [\[5b.2\]](scans.md#page-5b) སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་བྱ་བ་དེ། དམིགས་པ་ཆད་པ་མེད་པའི་གནས་ན་གཉིས་སུ་མེད་པའི་ངང་ལ། བཞུགས་པ་མེད་པའི་ཚུལ་གྱིས་རྒྱལ་མོའི་ཚུལ་དུ་བཞུགས་སོ༎ དེ་ཀའི་དྲུང་ན་ལོང་སྐུ་རིགས་ལྔའི་མཁའ་འགྲོ་མ [\[5b.3\]](scans.md#page-5b) མ་བྱ་བ་དེ། རིན་པོ་ཆེའི་ཕོ་བྲང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྣམ་གསུམ་ནི་རྦས། མི་ཕྱེད་པའི་ལྕགས་ཀྱིས་བཅུག་སྟེ་རྒྱ་བདུན་གྱིས་བཏབ། མཁར་དང་འོབས་དང་ལྕགས་རིས་བསྐོར་ནས་བློན་པོའི་ཚུལ་དུ་བཞུགས་སོ༎ དེ་ཀའི་དྲུང་ན་སྤྲུལ་སྐུ་ཟ་བྱེད [\[5b.4\]](scans.md#page-5b) ལས་ཀྱི་མཁའ་འགྲོ་མ་དེ་དད་པ་དང་མོས་པ་རྣམས་ལ་དངོས་སྒྲུབ་སྟེར། མ་དད་པ་དང་དམ་ཚིག་ཉམས་པ་རྣམས་ཚར་གཅོད་ཅིང་ཟ་བྱེད། སྒོ་མའི་ཚུལ་དུ་བཞུགས་སོ༎ དེར་བྲམ་ཟེའི་ཁྱེའུ་དེས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་གྷནདོ་ལིའི་གཙུག་ལག་ཁང་གི [\[5b.5\]](scans.md#page-5b) དྲུང་དུ་ཕྱིན་པ་དང་། སྤྲུལ་སྐུས་ལས་ཀྱི་མཁའ་འགྲོ་མ་ནི་ས་ཆག་པ་སྐད་དམ་གནམ་གནམ་ཏྲུམ་པ་སྐད་དུ

> ང་ནི་སྤྲུལ་སྐུ་ལས་ཀྱི་མཁའ་འགྲོ་མ\
> མིའི་ཤ་ལ་དགའ་ཞིང་ཁྲག་ལ་རྔམས

ཟེར་ནས་བྱུང་པ་དང་བྲམ་ཟེའི་ཁྱེའུས

> ཆེར་འཇིགས་མཁའ [\[5b.6\]](scans.md#page-5b) འགྲོ་དུ་མས་ཀྱང\
> ངའི་བ་སྤུའི་རྩེ་མི་འགུལ

། ཞེས་གསུངས་ནས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཟིལ་གྱིས་མནན་ཏེ། ལུས་མི་གཡོ་བ། ངག་མི་རྫི་བ། སེམས་མ་ཞུམ་པའི་ལྟ་སྟངས་བྱས་པས་མཁའ་འགྲོ་དེ་རྣམས་རྒྱལ་བར [\[5b.7\]](scans.md#page-5b) གྱུར་ཏོ། རྒྱལ་བ་སངས་པ་དང་སྨྲས་པ།

> ཀྱེ་མ་མར་མེས་སྦྲང་མ་རླག་པ་ལྟར\
> ཁྱོད་ཟར་འདོད་པས་བདག་ཅག་ཕུང\
> དམ་པ་བདག་ནི་ཅི་དགར་མཛོད

། ཟེར་རོ༎ དེར་བྲམ་ཟེའི་ཁྱེའུས་ང་ནང་དུ་ཐོང་བྱས་པས། མཁའ་འགྲོ་རྣམས་ཀྱིས [\[6a.1\]](scans.md#page-6a) སྨྲས་པ

> བདག་ཅག་དྲན་ལྟར་དབང་ཆུང་པས\
> བློན་མོ་དག་ལ་མ་དྲིས་ན\
> བདག་ཅག་ཤ་ཟ་ཁྲག་འཐུང་མཆིས\
> དམ་པས་ཉེ་བར་དགོངས་པར་མཛོད

། དེས་ལོངས་སྐུའི་མཁའ་འགྲོ་མ་ལ་གཏད་དོ༎ དེ་རྣམས་ན་རེ། ཁྱེད [\[6a.2\]](scans.md#page-6a) བརྟུལ་ཞུགས་ཆུངས་འདུག་པ་ངེད་ཀྱིས་བསྒྲལ་གྱིས་ཡར་ཐོང་ཅིག་གསུང་ནས་བྲམ་ཟེའི་ཁྱེའུས་འོབས་ལ་རིན་པོ་ཆེའི་ཟམ་པ་བཙུགས། ལྕགས་རི་ལ་ཤེལ་གྱི་སྐྲས་པ་བཙུགས། རྩ་བྱི་ཟུངས་ཀྱི་སྒོ་ཕྱེ་ནས་ནང་དུ་ཕྱིན་པ་དང་། བློན་མོ་རྣམས་ན་རེ

> འཇིགས [\[6a.3\]](scans.md#page-6a) པའི་སྐུ་ལ་འཇིགས་པའི་གསུང\
> འཇིགས་པའི་མཚོན་ཆ་ཐོགས་ནས་ཀྱང\
> ལོངས་སྐུ་རིགས་ལྔའི་མཁའ་འགྲོ་མ\
> ཤ་ལ་དགའ་ཞིང་ཁྲག་ལ་རྔམ

། ཞེས་ཟེར་བ་དང་། ཡང་བྲམ་ཟེའི་ཁྱེའུས་སྨྲས་པ

> ཆེར་འཇིགས་མཁའ་འགྲོ་དུ་མས་ཀྱང\
> ཁོ [\[6a.4\]](scans.md#page-6a) བོའི་བ་སྤུའི་ཁུང་མི་གཡོ

། ཅེས་བརྗོད་ནས་ལྟ་སྟངས་བྱས་པས་རྒྱལ་བར་གྱུར་ཏོ༎ ང་ནང་དུ་ཐོང་བྱས་པས། བློན་མོས་སྨྲས་པ

> བདག་ཅག་བློན་ལྟར་དབང་ཆུང་པས\
> རྒྱལ་མོ་ཉིད་ལ་མ་ཞུས་ན\
> བདག་ཅག་བཀའ་ཆད་འཆད [\[6a.5\]](scans.md#page-6a) པས་གཅོད\
> དམ་པས་ཉེ་བར་དགོངས་པར་མཛོད

། ཟེར་ཏེ། ཆོས་སྐུའི་མཁའ་འགྲོ་ལ་གསོལ་བ་བཏབ་ནས་ཁྱེའུས་ནང་དུ་ཕྱིན་པ་དང་། ཆོས་སྐུའི་ཡེ་ཤེས་ཀྱི་མཁའ་འགྲོ་ལ་དཔའ་བོ་གཡས་བྲལ༎ དཔའ་མོ་གཡོན་བྲལ་ལ་བསམ [\[6a.6\]](scans.md#page-6a) གྱིས་མི་ཁྱབ་པས་བསྐོར་ནས་འདུག་པས། བྲམ་ཟེའི་ཁྱེའུས་ཕྱག་མ་བྱས་པས། འཁོར་དེ་རྣམས་ན་རེ

> འདི་ནི་སངས་རྒྱས་ཐམས་ཅད་ཀྱི\
> ཡུམ་གྱུར་བཅོམ་ལྡན་འདས་མ་ལ\
> མ་གུས་ཚུལ་ཅན་ཅིས་མི་གཞོམ

། ཟེར་ནས་འཇོམས་པར [\[6a.7\]](scans.md#page-6a) རྩམས་པ་དང་། དེའི་དུས་སུ། ཆོས་སྐུའི་མཁའ་འགྲོ་མའི་ཞལ་ནས་འཁོར་རྣམས་ལ

> འདི་ནི་སངས་རྒྱས་ཐམས་ཅད་ཀྱི\
> ཡབ་གྱུར་བདེ་མཆོག་འཁོར་ལོ་སྟེ\
> མཁའ་ལས་རྡོ་རྗེའི་ཆར་ཕབ་ཀྱང\
> འདི་ཚེ་ཆོམས་པར་ག་ལ་གྱུར

། ཅེས་གསུངས [\[6b.1\]](scans.md#page-6b) པས། འཁོར་རྣམས་ཀྱིས། རྣམ་པ་ཁྱེའུ་བདེ་མཆག་འཁོར་ལོ་ཡིན་པར་མ་ཤེས་པའི་ཚུལ་དུ་སྨྲས་པ། ཁྱོད་སུས་བཏང་། སུ་ཡིན། ཅི་འདོད་ཟེར་པས། བྲམ་ཟེའི་ཁྱེའུས་སྨྲས་པ

> བདག་ནི་པཎ་ཙ་པ་ན་ཡིན\
> སྲིང་མོ་བདེ་སྟེར་མ [\[6b.2\]](scans.md#page-6b) ཡིས་བཏང\
> ལྟ་སྤྱོད་འབྲས་བུ་དམ་ཚིག་དང\
> སྐུ་གསུམ་ནོར་བུ་ལེན་དུ་ཡོངས

། བྱས་པས། འཁོར་དེ་དག་གི་ཁྲེལ་རྒོད་བཅོ་བ་བྱས་ཏེ། མགྲིན་གཅིག་ཏུ་སྨྲས་པ

> རྨུ་ལོང་བལྟས་པས་གཟུགས་མི་མཐོང\
> འོན་པས་ཉན་པས་སྒྲ [\[6b.3\]](scans.md#page-6b) མི་ཐོས\
> ལྐུགས་པས་སྨྲས་པས་དོན་མི་གོ\
> བདུད་ཀྱིས་བསླུས་ལ་བདེན་པ་མེད

། ཅེས་ཟེར་བ་ལ། ཡང་སློབ་དཔོན་གྱིས་སྨྲས་པ།

> ཉེས་པ་ཟད་པ་རྫུན་གྱི་ཚིག\
> སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར\
> བདུད་མིན [\[6b.4\]](scans.md#page-6b) མཁའ་འགྲོ་མ་རུ་བདེན

། བྱས་པས་དེ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་སྐུ་ཙ་ཀ་ལི། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། ནོར་བུ་རིན་པོ་ཆེའི་བརྡའ་བྱུང་ནས་བྲམ་ཟེའི་ཁྱེའུས་སྨྲས་པ།

> སྣང་སྟོང་སྐུའི་གསང་མཛོད་ནས\
> མཐུན་མོངས་ཡིད་བཞིན་ནོར་བུ་ཞུ\
> བརྗོད་བྲལ་གསུང་གི་གསང་མཛོད་ནས\
> དམ་ཚིག [\[6b.5\]](scans.md#page-6b) ཡིད་བཞིན་ནོར་བུ་ཞུ\
> རྟོག་མེད་ཐུགས་ཀྱི་གསང་མཛོད་ནས\
> གནས་ལུགས་ཡིད་བཞིན་ནོར་བུ་ཞུ

། བྱས་པས། ཡེ་ཤེས་ཀྱི་མཁའ་འགྲོ་མས་སྨྲས་པ།

> ཐུན་མོངས་ཡིད་བཞིན་ནོར་བུ་ལ\
> ལུང་བསྟན་ཉམས་ཀྱི་ལྡེ་མིག་དགོས\
> ལུང་མ་བསྟན [\[6b.6\]](scans.md#page-6b) པས་ཕྱེད་མི་འགྱུར\
> དམ་ཚིག་ཡིད་བཞིན་ནོར་བུ་ལ\
> བཀའ་རྒྱུད་ཟབ་མོའི་ལྡེ་མིག་དགོས\
> གཉེན་པོ་མེད་པས་ཕྱེད་མི་འགྱུར\
> གནས་ལུགས་ཡིད་བཞིན་ནོར་བུ་ལ\
> ཤེས་རབ་ཟབ་མོའི་ལྡེ་མིག་དགོས\
> རྟོགས་པ [\[6b.7\]](scans.md#page-6b) མེད་པས་ཕྱེད་མི་འགྱུར

། ཅེས་གསུངས་པ་དང་། བྲམ་ཟེའི་ཁྱེའུས་སྨྲས་པ

> མཁའ་འགྲོའི་གསང་ཚིག་ཐུགས་ཀྱི་སྡོམ\
> མ་རིག་མུན་སེལ་ཡེ་ཤེས་སྒྲོན\
> རང་རིག་རང་བྱུང་རང་གསལ་གྱི\
> ལུང་བསྟན་ཉམས་ཀྱི་ལྡེ་མིག་ཡོད\
> གང [\[7a.1\]](scans.md#page-7a) ཡང་སྐྱེ་བ་མེད་པ་ཡི\
> སེམས་ཉིད་རང་གྲོལ་ཆོས་སྐུ་ལ\
> རང་གྲོལ་ཕྱག་རྒྱ་ཆེན་པོར་ཤར\
> དམ་ཚིག་རང་གྲོལ་ལྡེ་མིག་ཡོད\
> དམིགས་པ་ཡིད་ལ་མི་བྱེད་ཅིང\
> དྲན་པ་རྡུལ་ཙམ་མ་སྐྱེས་པའི\
> སེམས་ཉིད [\[7a.2\]](scans.md#page-7a) ཆོས་ཉིད་ཆོས་སྐུ་ལ\
> མཐོང་པ་ཉམས་ཀྱི་ལྡེ་མིག་ཡོད

། ཅེས་སྨྲས་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོའི་ལོངས་སྤྲུལ་གཉིས་ཀྱིས་རམ་བུ་སྟེག་ཏེ་མགྲིན་གཅིག་ཏུ། མགུར་འདི་བཞེས་པ།

> བདག་ཅག་ཡབ་གཅིག་བཅོམ་ལྡན་འདས\
> [\[7a.3\]](scans.md#page-7a) ཏེ་ལོ་སངས་རྒྱས་འགྲོ་བའི་མགོན\
> འཁོར་ལོ་བདེ་མཆོག་བདེ་བ་ཆེ\
> ཡིད་བཞིན་ནོར་བུ་རྣམ་གསུམ་འབུལ

། གསུངས་ནས་རྩ་རྒྱུད་ལེའུ་ང་གཅིག་པ་བཤད་རྒྱུད་དང་བཅས་པ་དང་སྙན་རྒྱུད་གནང་ངོ༎ དེ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། ངའི [\[7a.4\]](scans.md#page-7a) སྐུ་སྒྲུབ་པར་འདོད་ན་བསྐྱེད་རིམས་ལ་བརྩོན་པར་གྱིས་ཤིག ། གསུང་སྙིང་པོ་ལ་ཐུགས་རྫོགས་རིམས་ཕྱག་རྒྱ་ཆེན་པོ་ལ་བརྩོན་པར་གྱིས་ཤིག ། གཙུག་གི་ནོར་བུའི་དགོན་པར་སོང་ལ། ན་རོ་རི་རི་ཀ་སོ་རི་གསུམ་བརྗེས་སུ་ཟུང་ཤིག །

གསུངས་ནས་གཙོ་མོ [\[7a.5\]](scans.md#page-7a) མི་སྣང་པར་གྱུར་ཏོ༎ མཚན་ཏེ་ལོ་ཤེས་རབ་བཟང་པོར་བཏགས་སོ༎ སྨྲས་པ

> ཁོ་བོས་མཁའ་ལ་བྱ་བཞིན་དུ\
> འོད་གསལ་སེམས་ཀྱི་བྱ་འཕུར་ནས\
> ཐོག་མེད་ཤེས་རབ་བཟང་པོ་འགྲོ

། བྱས་པས། ལོངས་སྤྲུལ་གཉིས་ཀྱི་མཁའ་འགྲོས་སྨྲས་པ

> [\[7a.6\]](scans.md#page-7a) དམ་པ་ཁྱོད་ནི་ཇི་ལྟ་བུ\
> བདག་ཅག་དོན་དུ་བཞུགས་པར་ཞུ

། ཞེས་ཞུས་པས། ཏེ་ལོས་སྨྲས་པ

> གཙོ་མོ་ཉིད་ཀྱི་ལུང་བསྟན་ལྟར\
> སྣོད་ལྡན་དོན་དུ་རྣལ་འབྱོར་བདག\
> གཙུག་གི་ནོར་བུའི་དགོན་པར་འགྲོ

། གསུངས་ནས་བྱོན་པའི་ལམ [\[7a.7\]](scans.md#page-7a) དུ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་བར་སྣང་ནས་གནང་པ་ནི

> ལུས་མེད་མཁའ་འགྲོའི་རྡོ་རྗེའི་གསུང\
> དྲི་ཟའི་གླུ་དབྱངས་སྙན་པ་ལྟར\
> བར་སྣང་སྟོང་ལས་འདི་ལྟར་ཐོས\
> སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག\
> དམ་ཚིག་རང་སེམས་མེ་ལོང་ལྟོས\
> [\[7b.1\]](scans.md#page-7b) རྩ་རླུང་གྲ་མིག་འཁོར་ལོ་བསྐོར\
> བདེ་ཆེན་གསུང་གི་རིན་ཆེན་ཟུང\
> རིག་པ་ཡེ་ཤེས་སྒྲོན་མེ་ལྟོས\
> རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟོས\
> དམ་རྫས་རྟོགས་པའི་ཉི་མ་ལྡེ\
> སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ\
> རོ་སྙོམས་ཕྱིའི་མེ་ལོང་ལྟོས

། ཤེས་པ་དེ་རྣམས་བར་སྣང་ལས [\[7b.2\]](scans.md#page-7b) གསན་ནས། ཏེ་ལོས་སྨྲས་པ

> གཙོ་མོ་ཇི་ལྟའི་ཚུལ་སྟོན་ཏེ\
> སྒྱུ་མ་ལུས་ཀྱི་གྷན་དོ་ལར\
> ལུས་མེད་མཁའ་འགྲོའི་གསང་བཅུག་ནས\
> བརྗོད་མེད་ངག་གིས་ལྕགས་བཅུག་སྟེ\
> འོད་གསལ་སེམས་ཀྱི་བྱ་འཕུར་འགྲོ

། གསུངས་ནས་གཙུག་གི [\[7b.3\]](scans.md#page-7b) ནར་བུའི་དགོན་པ་ཨ་ཌོ་ནའི་གཅུག་ལག་ཁང་དུ་གཤེགས་སོ༎

## 1.3

གསུམ་པ་མིའི་བླ་མ་མེད་པ་ནི། དེར་མི་མང་པོ་འཚོགས་ནས་གྲུབ་པ་ཐོབ་ནས་གྷནདོ་ལ་ནས་ཆོས་ལོན་ཡོད་གདའ་བ། བླ་མ་སུ་ཡིན་ཟེར་བ་ལ

> ང་ལ་མིའི་བླ་མ [\[7b.4\]](scans.md#page-7b) མད\
> བླ་མ་ཐམས་ཅད་མཁྱེན་པ་ཡིན

། ཅེས་གསུངས་པའོ༎

## 1.4

བཞི་པ་སྤྲུལ་པ་སྣ་ཚོགས་བསྟན་པ་ནི། བརྒྱད་སྟེ། དང་པོ་རྣལ་འབྱོར་པ་ཟིལ་གྱིས་མནན་པ་དང་། མུ་སྟེགས་པ། སྒྱུ་མ་མཁན། ཆང་འཚོང་མ། གླུ་མཁན། བཤན་པ། ལས་འབྲས་མེད [\[7b.5\]](scans.md#page-7b) པར་སྨྲ་བ་མཐུ་བོ་ཆེ་བརྟུལ་བའོ༎

## 1.4.1

དང་པོ་ནི། རྒྱ་གར་ལྷོ་ཕྱོགས་ན་རྒྱལ་པོ་གཅིག་ལ་མ་ཤིན་ཏུ་བྱམས་པས་མ་དེ་གང་དགྱེས་པ་བྱེད་པས། དགེ་རྩ་གང་ལ་དགའ། དགེ་བ་གཅིག་བྱ་ཡིས་བཀའ་གསོལ་བྱས་པས། མ་ན་རེ། པཎྜི་ཏ་དང་། [\[7b.6\]](scans.md#page-7b) གྲུབ་ཐོབ་དང་། མཁའ་འགྲོ་མ་བསགས་ཏེ་རིན་པོ་ཆེའི་དཀྱིལ་འཁོར་བར་སྣང་ལ་བཞེངས་ནས་དབང་བསྐུར་ཆེན་པོ་དང་ཚོགས་ཀྱི་འཁོར་ལོ་བྱེད་ན་དགའ་ཟེར་ནས། དེ་ལྟར་བྱེད་པའི་པཎྜི་ཏ་རྣམས་ལ་བང་ཆེན་རེ་བཏང་། གྲུབ་ཐོབ་རྣམས་ལ་བང་ཆེན་གཅིག་བཏང [\[7b.7\]](scans.md#page-7b) ནས། པཎྜི་ཏ་དང་གྲུབ་ཐོབ་རྣམས་སྤྱན་དྲངས་ཏེ། པཎྜི་ཏས་ས་ཆོག་ལ་སོགས་པ་མཛད་པས། འདི་རྣམས་ཀྱིས་གང་མཛད་ཀྱང་ཡོང་ཞེས་བསྒྲགས། ཀུ་ས་ལི་རྣམས་ཀྱིས་མདུན་དུ་བུད་མེད་མི་སྡུག་པའི་མསཐན་མ་ཅན་གཅིག་འོངས་ནས། ཁྱེད་ཀྱི་ཚོགས [\[8a.1\]](scans.md#page-8a) ཚོགས་དཔོན་སུས་བྱེད་ཟེར་བ་ལ། འདྲན་ཟླ་མེད་པས་ངས་བྱེད་གསུངས་པས། ཁྱོད་ཀྱིས་མི་འོང་། ངའི་མིང་པོས་འོང་སྟེ་བྱས་པས་ག་ན་ཡོད་ཟེར་བ་ལ་དུར་ཁྲོད་ན་ཡོད་བྱས་པས། འོ་ན་ཁུག་ལ་ཤོག་ཟེར་ནས། [\[8a.2\]](scans.md#page-8a) འགུགས་སུ་སོང་པས་ཡོང་པར་ཡོད་ཀྱིས་ཟེར། དེར་འཆི་མོ་ན་བྱོན་ནས་ཁྲི་གཉིས་ལ་འདྲན་ཟླ་མེད་པ་དང་གཅིག་བཞུགས་ཏེ། སྒྲ་དང་དོན་གྱི་འགལ་འགྲེལ་སྟོན་པའི་ཚད་མ་ལ་བརྩད་པས་མཉམ་པར་བྱུང་། ནམ་ཁའ་ལ་དཀྱིལ་འཁོར་འབྲི་བ་དང་། [\[8a.3\]](scans.md#page-8a) ཆར་དང་རླུང་གིས་མི་སྣང་པར་བྱ་བའི་རེ་མོས་བྱས་པས་སྙམ་པར་བྱུང་། སེང་གེ་ལ་ཞོན་ཉི་ཟླའི་ཁར་བང་བཏང་པས་ཡང་མཉམ་པར་བྱུང་པ་ལ། ཏེ་ལོས་ཉི་ཟླ་ཐང་ལ་དབབ། དེའི་སྟེང་དུ་སེང་གེ་ཞོན། ལུས་ཕྱིར་བཟློག ། བ་སྤུ་ཉག་རེ་ལ [\[8a.4\]](scans.md#page-8a) དཀྱིལ་འཁོར་དུར་ཁྲོད་བཅས་པ་རེ་སྤྲུལ། དེར་ཤིང་རེ་སྤྲུལ། ཤིང་རེ་ལ་དཀྱིལ་དཀྲུངས་བཅས་པ་རྩེད་མོ་བྱས་པས། འདྲན་ཟླ་མེད་མ་བྱུང་པས། ཐམས་ཅད་ངོ་མཚར་ཏེ། ཨེ་མ་འདི་ལྟ་བུའི་རྫུ་འཕྲུལ་ཅི་ལས་བྱུང

> ངོ་མཚར་སྤྱོད་པ་ཅི་ལས་བྱུང

ཅེས་བརྗོད [\[8a.5\]](scans.md#page-8a) པས། ལན་མགུར་དུ་བཞེས་པ

> ཀྱེ་མ་འདུག་ན་ནམ་ཁའི་དཀྱིལ་དུ་འདུག\
> ཉལ་ན་མདུང་གི་རྩེ་ལ་ཉལ\
> ལྟ་ན་ཉི་ཟླའི་དཀྱིལ་དུ་ལྟོས\
> དོན་དམ་རྟོགས་པའི་ཏེ་ལོ་པ\
> ང་ནི་འབད་རྩོལ་ཀུན་དང་བྲལ

། ཅེས་པ་དང་རང་བཞིན་བསམ [\[8a.6\]](scans.md#page-8a) གྱིས་མི་ཁྱབ་པ་གསུངས་པས། ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་ནུས་ལྡན་བློ་གྲོས་ཞེས་བྱ་བར་བཏགས་ཏེ། ད་ལྟ་ཡང་ཨུ་རྒྱན་ན་འདས་གྲོངས་མི་མངའ་བར་བཞུགས་སོ༎

## 1.4.2

གཉིས་པ་མུ་སྟེགས་པ་བཏུལ [\[8a.7\]](scans.md#page-8a) བ་ནི། དཔལ་ཤྲི་ན་ལེན་ཏྲར། མུ་སྟེགས་པའི་སྟོན་པ་གྲུབ་ཐོབ་གཅིག་ཡོད་པ་ལ། ཕྱི་ནང་ཐམས་ཅད་རྔུན་ལྡང་བྱ་དགོས་མ་བྱས་ན་ནུས་པ་དང་བརྩོད་པ་འགྲན་དགོས་པ་ལ། ཏེ་ལོ་པས་ལྡང་བ་མ་བྱས་པས། ཁྱོད་ང་ལ་ནུས་པ་དང་བརྩོད་པ [\[8b.1\]](scans.md#page-8b) བདོའ་བ་གཅིག་འདུག་པས་འདྲན་ཟེར་ནས། རྒྱལ་པོ་དགུང་ལ་བཞག ། ཕྱི་ནང་གི་པཎྜི་ཏ་ཐམས་ཅད་འཚོགས་ནས་གང་རྒྱལ་བའི་བསྟན་པ་ལ་འཇུག་པར་བྱ་སྟེ་བརྩོད་པས་ཀྱང་མུ་སྟེགས་པ་ཕམ་པར་བྱས། ནུས་པ་འདྲན་པས་ཀྱང་ཏེ་ལོ་པ་མ་ཐུབ་ནས། [\[8b.2\]](scans.md#page-8b) མུ་སྟེགས་པས་ཁ་ནས་མེ་ཕྱུང་ནས་བཏང་པས

> ཁམས་གསུམ་ཀུན་ཀྱང་གཡོ་བྱེད་པའི\
> ང་ཡིས་མི་འཇིགས་སུ་ཞིག་ཡིན

། ཟེར་བས། ཕར་ལོག་ནས་ལན་མགུར་དུ་བཞེས་པ།

> བལྟ་ན་རྨུ་ལོང་མིག་གིས་ལྟོས\
> སྐོམ་ན་མིག་རྒྱུའི [\[8b.3\]](scans.md#page-8b) ཆུ་ལ་འཐུང\
> བྱིང་ན་བུམ་པ་རླུང་གིས་ཁེངས\
> འཇིགས་པ་ཀུན་བྲལ་ཏེ་ལོ་ཡིན

། ཅེས་པ་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་གསུངས་པས་ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་ནག་པོ་དགེ་བ་ཞེས་བཏགས་ཏེ། [\[8b.4\]](scans.md#page-8b) ད་ལྟ་ཡང་སིལ་བའི་ཚལ་ན་འདས་གྲོངས་མེད་པར་བཞུགས་སོ༎

## 1.4.3

གསུམ་པ། སྒྱུ་མ་མཁན་བཏུལ་བ་ལ། སྒྱུ་མ་མཁན་གཅིག་གིས་སྒྱུ་མའི་དམག་གིས་རྒྱལ་པོའི་ཡུལ་འདོན་པ་ལ། བུད་མེད་མི་སྡུག་པའི་མཚན་མ་ཅན་གཅིག [\[8b.5\]](scans.md#page-8b) ཡོངས་ནས། ཁྱོད་ཀྱི་དམག་དཔོན་གང་གིས་བྱེད་བྱས་པས་འདི་དང་འདིས་བྱེད་བྱས་པས། དེས་མི་ཡོང་ངའི་མིང་པོས་ཡོང་པ་ཡིན་ཏེ་བྱས་པས། མིང་པོ་གང་ན་ཡོད་བྱས་པས་དུར་ཁྲོད་ན་ཤིང་ཤ་བ་དཔག་ཚད་གཅིག་ལ་རྟ་རྔ་བཏགས། དེ་ལ་མི་རོའི་རྐང་པ་རྟག ། དེའི་ལག་པ་ལ་ཡང་རྟ་ལྔ་རྟག་སྟེ། དེ་ལ [\[8b.6\]](scans.md#page-8b) འཇུས་ནས་གར་བྱེད་ཅིང་ཡོད༎ ཟེར། རྒྱལ་པོ་ལ་སྙད་པས་རྒྱལ་པོ་ན་རེ། བུད་མེད་དེ་ལ་མི་སྲིད་པའི་གཏམ་གསུམ་བྱུང་པས་དེ་ཁྲིད་ལ་ཤོག་གསུང་ནས་དྲིས་པས། གོང་གི་ཁོ་ན་ཟེར་ཏེ། ལྟར་བཏང་པས་མོ་ཟེར་བ་བཞིན་འདུག་ནས། དེ་ནས་ཏེ་ལོ [\[8b.7\]](scans.md#page-8b) པ་སྤྱན་དྲངས་ཏེ། སྒྱུ་མར་མ་ཤེས་ཏེ་ཤོར་ལ་ཁད་པ་ལ་སྒྱུ་མ་བཤིག ། འགའ་ཞིག་བསད་སྒྱུ་མ་མཁན་བཟུང་པ་ལས། སྒྱུ་མ་མཁན་ན་རེ

> ཆོས་ལ་རྟེན་པའི་སྐྱེས་བུ་ཁྱོད\
> དེ་ལྟར་བསོད་པ་མངག་མ་རིགས

། ཟེར་བས། [\[9a.1\]](scans.md#page-9a) ལན་མགུར་དུ་བཞེས་པ

> སྒྱུ་མའི་དམག་ཚོགས་བསད་པ་ལ\
> སེམས་མེད་ཕྱིར་ན་སྡིག་པ་མེད\
> བསོད་ན་སྒྱུ་མའི་སྐྱེས་བུ་བསོད\
> སྒོམ་ན་དབུགས་བྲལ་ལྟ་བུར་བསྒོམས\
> སྨྲ་ན་ལྐུགས་པའི་ལྕེ་ཡིས [\[9a.2\]](scans.md#page-9a) སྨྲོས\
> འདོད་ན་ཡི་གེ་ཟད་པར་སྐྱོལ

། ཅེས་པ་དང་དངོས་པོ་བསམ་གྱིས་མི་ཁྱབ་པ་གསུངས་པས་ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་སླུ་བྱེད་བདེན་སྨྲ་ཞེས་བཏགས་ཏེ། ད་ལྟ་ཡང་ཧ་ཧ་སྒྲོག་པ་ན་འདས་གྲོངས་མེད་པར་བཞུགས [\[9a.3\]](scans.md#page-9a) བཞུགས་སོ༎

## 1.4.4

བཞི་པ་འཆང་འཚོང་མ་བཏུལ་བ་ནི། འཆང་འཚོང་མ་གཅིག་འཆང་འཚོང་པའི་དུས་སུ། ཏེ་ལོས་སྤྲུལ་པའི་སྤྲེའུ་དང་བྱི་ལས་ཆང་བཙགས་ཀྱིན་འཐུངས་པས་མོས་ངུས་པས། མི་རྣམས་ཅི་ཉེས་ཟེར་ལོ་རྒྱུས་སྙད [\[9a.4\]](scans.md#page-9a) པས། མི་རྣམས་ན་རེ། རྣལ་འབྱོར་པ་དེ་རང་ལ་གསོལ་བ་ཐོབ་དང་ཟེར་བས་ཆང་མས་ངུས་ཏེ

> བདག་གི་མཚོ་བ་ཆད་པས་ན\
> ཐུགས་རྗེ་རྗེས་སུ་བཟུང་དུ་གསོལ

། ཞེས་པས། སྐད་གཅིག་ལ་ཆང་རྫ་ཐམས་ཅད་ཆང་གིས་གང་པར་བྱས་སྟེ། མགུར་བཞེས [\[9a.5\]](scans.md#page-9a) པ

> སྐོམ་ན་དུག་ཆུ་ཁོལ་མ་འཐུང\
> འཕྲོ་ན་སྤྲེའུ་དེད་ལ་སོད\
> གཉེན་པོ་སྒོམ་ཆེན་བྱི་ལ་རྟེན\
> ཐམས་ཅད་ལྷན་སྐྱེས་རོ་རུ་བསྒྱུར\
> དོན་དམ་སྤྲང་པོ་ཏེ་ལོ་པ\
> ཁྱོད་ཀྱིས་མཐོང་མེད་རྣལ་འབྱོར་ཡིན

། ཅེས་པ་དང་བསམ་གྱིས [\[9a.6\]](scans.md#page-9a) མི་ཁྱབ་པའི་བདེ་བ་ཆེན་པོ་གསུངས་པས་ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་ཉི་འོད་སྒྲོན་མར་བཏགས་ཏེ། ད་ལྟ་ཡང་སོ་ས་གླིང་ན་འདས་འགྲོངས་མེད་པར་བཞུགས་སོ༎

## 1.4.5

ལྔ་པ་གླུ་མཁན་བཏུལ་བ། གླུ་མཁན་མཁས [\[9a.7\]](scans.md#page-9a) པ་གཅིག་ཡོད་པས། དེའི་དྲུང་དུ་ཏེ་ལོ་པས་བསམ་གླུ་བླངས་པས། ཁྱོད་འགྲན་ནམ་ཟེར་འགྲན་གྱིས་བྱས་སྟེ་སློབ་དཔོན་གྱིས་གླུ་ལོང་ཞིག ། དེ་ནས་ང་ཡིས་བླང་གི་གསུངས་པས། ཁོས་ཀྱང་རྫོགས་རྫོགས་བླངས་ནས་དེ་ནས་སློབ་དཔོན་གྱིས་བླངས་པས། [\[9b.1\]](scans.md#page-9b) རྫོགས་པ་མ་བྱུང་པས་ཁོས་མ་ཐུབ། ཁོ་ན་རེ

> ང་ནི་ཚངས་པའི་འཇིག་རྟེན་ཡང\
> སྐྱོང་པར་བྱེད་པའི་གླུ་མཁན་ཡིན

། ཟེར་བས། ལན་དུ་མགུར་བཞེས་པ

> སྐྱོ་ན་དྲི་ཟའི་གྲོང་ཁྱེར་ལྟོས\
> ཉན་ན་བུང་བའི་གླུ་ལ་ཉོན\
> ལྟ་ན [\[9b.2\]](scans.md#page-9b) རྨུ་ལོང་མིག་གིས་ལྟོས\
> ཐོས་ཡུལ་རྣམས་ནི་དྲག་ཆ་འདྲ

། ཅེས་པ་དང་རོལ་མོ་བསམ་གྱིས་མི་ཁྱབ་པ་གསུངས་པས། ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་དབྱངས་ལྡན་ལྐུགས་པ་ཞེས་བཏགས་ཏེ། ད་ལྟ་ཡང་ན་ག་ར་ན་འདས [\[9b.3\]](scans.md#page-9b) འགྲོངས་ཡོད་པར་བཞུགས་སོ༎

## 1.4.6

དྲུག་པ་ཤན་པ་བཏུལ་བ་ནི། ཤན་པ་གཅིག་སེམས་ཅན་གྱི་བུ་ཚ་ཐམས་ཅད་བསད་ནས་བུ་གཅིག་བསོ་བ། ཤ་བཙོས་ཏེ་བུ་ལ་སྦྱིན་སྙམ་ནས་ཁོག་མ་ཁ་ཕྱེ་བས། ཏེ་ལོས་བུའི་རྐང་ལག [\[9b.4\]](scans.md#page-9b) རོང་ཡོང་པར་སྤྲུལ་པས། ཁོ་ན་རེ

> རང་གིས་བྱས་པའི་སྡིག་པ་དེ\
> རང་ལ་འཁོར་རམ་ཇི་ལྟར་ཡིན

། ཟེར་ནས་མྱ་ངན་གྱིས་གདུངས་པ་ལ་འོ་ན་གཞན་མི་བསོད་ན་ཁྱོད་རང་གི་བུ་ཡོང་པ་བྱ་ཡིས་གསུངས་པས། མི [\[9b.5\]](scans.md#page-9b) བསོད་ཟེར་བས། ལན་མགུར་དུ

> འབྱེད་ན་མར་ཁུ་དངས་སྙིངས་འབྱེད\
> སྲེག་ན་དུས་མཐའ་མེ་ཡིས་སྲེགས\
> འདོན་ན་རླུང་སེམས་སྤྱི་བོར་ཐོན\
> འཁྲུད་ན་སེམས་ཀྱི་དྲི་མ་ཁྲུས

། ཅེས་པ་དང་བསོད་པའི་སྦྱོར་བ་བསམ་གྱིས་མི་ཁྱབ་པ [\[9b.6\]](scans.md#page-9b) གསུངས་པས་ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་བདེ་བྱེད་དགའ་བ་ཞེས་བཏགས་སོ༎

ད་ལྟ་ཡང་སྲིན་པོའི་གླིང་ན་འདས་འགྲོངས་མི་མངའ་བར་བཞུགས་སོ༎

## 1.4.7

བདུན་པ། ལས་འབྲས་མེད་པར་འདོད་པ་བཏུལ་བ་ནི། རྒྱུ་འབྲས་ལ་བཀུར [\[9b.7\]](scans.md#page-9b) པ་འདེབས་པའི་རྒྱང་ཕན་པ་ལས་དགེ་སྡིག་མེད་ཟེར། ནང་པ་སངས་རྒྱས་པས་ཡོད་ཟེར་བརྩོད་པའི་དཔང་པོ་སློབ་དཔོན་ལ་བཅོལ་བས། སློབ་དཔོན་གྱིས་ལས་རྒྱུ་འབྲས་ཡོད་པར་འདོད་པ་རྒྱལ་ཅེས་གསུངས་པས། རྒྱང་ཕན་པ་ན་རེ། དངོས་སུ་མཐོང་བ [\[10a.1\]](scans.md#page-10a) མེད་ཟེར་བ་ལ། སློབ་དཔོན་གྱིས་ཁོ་ཁྲིད་དེ་ལྷ་དང་དམྱལ་བ་ལ་སོགས་པ་ཐམས་ཅད་སྤྲུལ་གྱིས་བསྟན་ནས། ལྷ་གནས་གཅིག་ན་ལྷ་མོ་ཟླ་མེད་གཅིག་འདུག་པ་ལ་ཅི་ཡིན་བྱས་པས། མུ་སྟེགས་པ་འགའ་ཞིག་གིས་དགེ་བ་བྱེད་པ་ཡོད་པས། [\[10a.2\]](scans.md#page-10a) དེའི་ཟླ་རོགས་བྱེད་པ་ཡིན་ཟེར། ཡང་དམྱལ་བར་ཁྲིད་ནས་ཕྱིན་པ་དང་། ཟངས་རེ་རེའི་ནང་ན་གཙོ་རྒྱུ་རེ་འདུག་པ་ལ་གཅིག་ན་མི་འདུག་ནས། འདིར་ཅི་འཚོད་བྱས་པས་མུ་སྟེགས་པ་ལས་དགེ་སྡིག་མེད་ཟེར་བ་ཀུན་འདིར་འཚོད་ཟེར་བས་བྲེད་འདུག་སྐད། [\[10a.3\]](scans.md#page-10a) ཁོས་སྨྲས་པ

> ལས་ཀྱིས་བསགས་པའི་སྡིག་པ་ཡི\
> དམྱལ་བ་རང་གི་སེམས་ལ་འཁོར\
> ལས་ཀྱིས་བསགས་པའི་དགེ་བ་ཡིས\
> མཐོ་རིས་རང་གི་སེམས་ལ་འཁོར

། ཟེར་བས། ལན་མགུར་དུ

> ཆགས་ན་དུར་ཁྲོད་གླིང་དུ་སྐྱོལ\
> རྒུད་ན་རྒྱལ་མཚན [\[10a.4\]](scans.md#page-10a) རྩེ་ལ་ཕྱོགས\
> རྣམ་པར་རྟོག་པ་སྤྲུལ་སྐུ་སྟེ\
> ངས་ནི་བསྟན་པ་ཅི་ཡང་མེད

། ཅེས་དང་། སྣ་ཚོགས་བསམ་གྱིས་མི་ཁྱབ་པ་གསུངས་པས་ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་ཛི་ན་བྱང་ཆུབ་ཞེས་བཏགས་ཏེ། ད་ལྟ་ཡང་དཔལ་གྱི་རི [\[10a.5\]](scans.md#page-10a) ལ་འདས་འགྲོངས་མེད་པར་བཞུགས་སོ༎

གཞན་ཡང་ལུས་ཀྱི་བཀོད་པས་སྡིག་མཁན་ལ་ཆོས་བཤད། བཟོ་བོ་གཟོ་མཁས་པ། སྒོམ་ཆེན་པ་གྲུབ་པ་པོ། དེ་ལྟར་ཉ་པ་དང་། ཁྱི་ར་པ་ལ་སོགས་པ་དཔག་ཏུ་མེད་པ་བསྟན་པས། [\[10a.6\]](scans.md#page-10a) དེ་རྣམས་ཀྱིས་སྨྲས་པ།

ཉ་པ་ལ་སོགས་པ་བྱེད་པ

ཟེར་བས

> དོན་དམ་རྟོགས་པའི་ཏེ་ལོ་པ\
> དགེ་སྡིག་ཞེས་བྱའི་མིང་ཡང་མེད

། ཟེར་ནས་གདམས་ངག་ཞུས་སོ༎

## 1.4.8

བརྒྱད་པ། མཐུ་མཁན་བཏུལ་བ་ནི། མཐུ་མཁན་གཅིག་གིས་མཐུ་བྱས་ནས་ཐམས་ཅད [\[10a.7\]](scans.md#page-10a) བསོད་པས་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས། ཏེ་ལོ་དང་གཉིས་ཆད་འགྲན་པས་མཉམ་པོར་བྱས་ཚད་ཤི་བ་ལ་ཏེ་ལོས་ཤི་ཚད་བླངས། བུད་མད་ལ་སོགས་པ་འགའ་ཞིག་མ་བླངས། ཁོ་རང་ཀྱང་སྡོང་པོ་རྒད་པོ་འདྲ་བ་གཅིག་བྱས [\[10b.1\]](scans.md#page-10b) ནས། ད་ཁྱོད་ཀྱི་བུ་མད་སློངས་ན་མཐུ་མི་བྱེད་དམ་གསུངས་པས། ཁོས་མ་བསོས་ཏེ་སྨྲས་པ

> སོས་པ་མེད་པའི་སྤྱོད་པ་འདི\
> ཤན་པ་རང་དང་ཁྱད་མེད་དམ

། ཟེར་བས། ལན་མགུར་དུ་བཞེས་པ

> ལྟོས་ཅིག་རང་གི་སེམས་ལ་བལྟོས\
> [\[10b.2\]](scans.md#page-10b) སྣང་པའི་རི་བོ་ཁྱུར་མིད་ཀྱིས\
> རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་ཐོབ\
> འཁོར་བའི་ལྟོས་ཐག་ཆོད་ལ་ཞོག

། ཅེས་པ་དང་། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་གསུངས་པས། ཐམས་ཅད་གྲོལ་བར་གྱུར་ཏོ༎ མཚན་ཡང་ཉི་ཨི་མི་ཞེས [\[10b.3\]](scans.md#page-10b) བཏགས་ཏེ། ད་ལྟ་ཡང་གནས་ཀི་མི་ཙི་ཀི་ལི་ན་བཞུགས་སོ༎

## 2

སྤྱི་དོན་གཉིས་པ། བདེ་མཆོག་གི་སྤྲུལ་པར་བསྟན་པ་ནི། རྒྱ་གར་ཤར་ཕྱོགས་ན་དུ་ཀ་ཏའི་འགྲམ། ཆུ་བོ་ཁ་སུའི་རྩ། དུར་ཁྲོད་རྨ་ཤའི་ཚལ། དགོན་པ་མྱ་ངན་མེད་པ་བྱ [\[10b.4\]](scans.md#page-10b) བ་ཡོད། དེ་ན་ཏི་ལོ་པའི་ཞང་པོ་དང་མ་བཙུན་མ་ཡིན་པས་མཁན་སློབ་བྱས་ནས། དེར་རབ་ཏུ་བྱུང་སྟེ་དགེ་སློང་ཀ་ལ་པར་བཏགས་སོ༎ གཞན་རྣམས་འཁོར་གསུམ་ལ་ཞུགས་ལ། ཁོང་ཆོས་སྤྱོད་མི་བྱེད་པར་ཆ་ག་བ་མང་པོ་བསད་ཅིང [\[10b.5\]](scans.md#page-10b) མགོ་ཕྱོགས་གཅིག་བསྟན། ལུས་ཕྱོགས་གཅིག་ཏུ་བསྟན་པས་ཀུན་གྱིས་འཕྱ་བ་ལ་ཞུགས་སོ༎ དེ་ཡང་དགེ་དགོས་ལ་གཉེར་ཡོད་པས་གྲོས་ཐོབ་བྱས་སྟེ། དགེ་བཀོས་ཀྱིས་སྤྱིར་ཆོས་པ་དགོས་བཙུན་པ་ཡང་དགོས་མྱ་ངན་མེད་པའི་བླ་འཚོགས [\[10b.6\]](scans.md#page-10b) བྱས་ནས་ཞེས་རྒལ་བ་དང་། ཡུལ་དེའི་རྒྱལ་པོས་སྨྲས་པ།

> བཙུན་གཟུགས་སྲོག་ཆགས་བསོད་པ་ཁྱོད\
> ཡུལ་དང་མཁན་སློབ་སུ་ཞིག་ཡིན

། ཅེས་དྲིས་པས། ལན་མགུར་དུ་གསུངས་པ

> དགོན་པ་མྱ་ངན་མེད་པ་ཡིན\
> [\[10b.7\]](scans.md#page-10b) མཁན་སློབ་མ་དང་ཞང་པོ་ཡིན\
> བདག་རང་དག་སློང་ཏེ་ལོ་ཡིན\
> ང་ཡིས་སྐལ་པ་བྱེ་བ་རུ\
> ཞིང་ཁམས་བརྒྱ་རུ་ང་ཡིས་ཕྱིན\
> ཀླུ་སྒྲུབ་ཨརྱ་དེ་ཝ་དང\
> སངས་རྒྱས་རྣམས་དང་ང་གཏམ་བྱས\
> ངས་ནི་སངས་རྒྱས་སྟོང་ཡང་མཐོང\
> [\[11a.1\]](scans.md#page-11a) ངས་ནི་སེམས་ཅན་བསད་པ་མེད

། ཅེས་གསུངས་པ་དང་། ཆ་ག་རྣམས་སྦྲིད་དི་རེ་འཕུར་སོང་སྐད། ཐམས་ཅད་ཡིད་ཆེས་ཏེ་བདེ་མཆོག་གི་སྤྲུལ་པར་གྲགས་སོ༎

## 3

གསུམ་པ་བདེ་མཆོག་དངོས་སུ་འདོད་པ་ནི། རྒྱ་གར་ཤར་ཕྱོགས་སུ [\[11a.2\]](scans.md#page-11a) བསོད་སྙོམས་ལ་བྱོན་པས། ཕར་ལ་འགྲོ་ཙ་ན་གོམ་པ་བབས་ཀྱིས་འདོར། མིག་གཉའ་ཤིང་གང་དུ་ལྟ། སྙན་སྔགས་ཀྱི་ཚིག་བཅད་འདོན། ཚུར་འབྱོན་ཙ་ན་སྦྱིན་ལེན་གྱི་ཤིས་པ་བརྗོད་པས། མི་རྣམས་མོས་ནས་ཡོད་པ་ལ། ཡུལ་དེའི [\[11a.3\]](scans.md#page-11a) རྒྱལ་པོས་ཐམས་ཅད་སྤྱན་དྲངས་ཏེ། མཉེན་བཀུར་ནས་རྒྱལ་པོས་སྒྲ་མཁན་རྣམས་ཀྱི་སྒྲ་དང་མི་འགལ་བར། དེ་བཞིན་དུ་ཚད་མ་དང་། ལུང་དང་། མན་ངག་དང་། ཉམས་མྱོང་དང་། རྟོག་པ་ཅན་རྣམས་ཀྱི་རྟོགས་པ་དང་མི་འགལ་བའི་སྦྱིན་ལེན [\[11a.4\]](scans.md#page-11a) གྱི་ཚིགས་སུ་བཅད་པ་རེ་ཐོན་ཅིག ། བྱས་སྟེ་ཐམས་ཅད་ཀྱིས་སྟོན་པས་ཕྱོགས་རེ་རེ་གཉིས་གཉིས་དང་མི་འགལ་བར་བྱུང་། སློབ་དཔོན་གྱིས་རེས་ལ་བབ་ནས་བཏོན་པས། ཐམས་ཅད་དང་མི་འགལ་ཞིང་དེ་དང་དེའི་དོན་མཐར་ཐུག་པར་བྱུང་ནས་རྒྱལ་པོས་བྲིས་པས

> བདག་ལ [\[11a.5\]](scans.md#page-11a) ཕ་མ་མ་མཆིས་ཏེ\
> འཁོར་ལོ་བདེ་མཆོག་བདེ་བའི་མཆོག\
> བདག་ལ་མཁན་སློབ་མ་མཆིས་ཏེ\
> བདག་ནི་རང་བྱུང་སངས་རྒྱས་ཡིན\
> བདག་ལ་སྒྲ་ཚད་མ་མཆིས་ཏེ\
> གཏན་ཚིགས་རིག་པ་རང་བརྡོལ་ཡིན\
> བདེ་མཆོག [\[11a.6\]](scans.md#page-11a) སྐུ་གསུང་ཐུགས་དང་ནི\
> ལུས་ངག་ཡིད་གསུམ་དབྱེ་རུ་མེད\
> ང་ནི་བདེ་བ་ཆེན་པོར་འགྲོ

། ཅེས་གསུངས་པས་བདེ་མཆོག་དངོས་སུ་གྲགས་སོ༎

## 4

བཞི་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་འདུས་པར་བསྟན་པ་ནི། [\[11a.7\]](scans.md#page-11a) རྒྱལ་པོ་སེང་གེ་ཟླ་བས་གྲུབ་ཐོབ་མང་པོ་སྤྱན་དྲངས་ནས་གཉེན་བསྐུར་ནས་དབང་བསྐུར་ཞུ་བ་ལ། ཏེ་ལོ་པས་བར་སྣང་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པས་མཐོང་སྣང་མི་གཅིག་པ་ལ། ཏེ་ལོས་མགུར་བཞེས་པ

> བདག་ལུས་ཀྱེ་ཀྱེའི [\[11b.1\]](scans.md#page-11b) རྡོ་རྗེ་ལ\
> ངག་ནི་མ་ཧཱ་མ་ཡ་ཡིན\
> སེམས་ནི་བདེ་མཆོག་འཁོར་ལོ་སྟེ\
> ཕུང་ཁམས་གསང་བ་འདུས་པ་ལ\
> ཡན་ལག་ནག་པོ་སྒྲ་རྒྱུད་ཉིད\
> ཉིང་ལག་རྡོ་རྗེ་འཇིགས་བྱེད་ལ\
> བས་སྤུ་དུས་གསུམ་སངས་རྒྱས་ཡིན

། ཅེས་གསུངས་པས། [\[11b.2\]](scans.md#page-11b) ཏེ་ལོ་པ་དེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུར་གྲགས་སོ༎

དེ་ལྟ་བུའི་མཛད་པ་ཐ་མས་ཤར་ཕྱོགས་ཟ་ཧོར་གྱི་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་དེ། གྲོང་ཁྱེར་འབུམ་ཚོ་བདུན་སྟོངས་པར་གྱུར་ཏོ༎

དེ་ནས་གྲུབ་པ་ཐོབ་པས་ཀྱང་སྤྲུལ་པའི [\[11b.3\]](scans.md#page-11b) སྐུར་གྲགས་པ། རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པའི་ལོ་བརྒྱུས། སྐུ་ཆེ་བའི་ཡོན་ཏན་དེ་ཉིད་ཀྱིས་མཛད་པའི་གཞུང་རང་མཚན་དུ་བྱས་ནས་མཐའ་དག་པ་ཞིག་བསྟན་ཟིན༎

དཔལ་གྲོ་བོ་ལུང་གི་དགོན་པར། སྲས་མདོ [\[11b.4\]](scans.md#page-11b) སྡེའི་དོན་དུ་ཡི་གེར་བཀོད་པ་རྫོགས་སོ༎ མང་ག་ལཾ༎

## Sources

The manuscript of the *Bde mchog mkha' 'gro snyan rgyud* compiled by Byang chub bzang po, kept in the library of Apho Rinpoche, its section Kha, folios 1a–11b, reproduced in *Bde mchog mkha' 'gro snyan rgyud (Ras chung snyan rgyud)*, New Delhi, 1973, volume 1, pages 7–28: [BDRC W24891](https://library.bdrc.io/show/bdr:MW24891), images 23–44, open access.

Established from the manuscript's leaves. A published transliteration of the same leaves was consulted in reading the cursive: Fabrizio Torricelli and Acharya Sangye T. Naga, *The Life of the Mahāsiddha Tilopa*, Library of Tibetan Works and Archives, Dharamsala, 1995.